ཟླ་༡༠་ཚེས་༡༧ཉིན། ཁྲེང་ཏུའུ་གྲོང་ཁྱེར་ཧྲུའུ་ཏེ་ཚོད་ལྟ་སློབ་འབྲིང་ལ་དཀར་མཛེས་ཁུལ་སྡེ་རོང་སློབ་འབྲིང་གི་སློབ་བུ་ཉི་ཤུ་སློབ་གཉེར་བྱེད་དུ་ཐོན།
10月17日, 成都市树德实验中学迎来了20名来自四川甘孜州得荣中学的孩子。
གཟའ་འཁོར་གསུམ་རིང་གི་སློབ་སྦྱོང་དང་འཚོ་བའི་ཁྲོད། ཁོ་ཚོ་དམའ་འབྲིང་དང་པོའི་འཛིན་གྲྭ་རུ་ཞུགས་ཏེ་སློབ་གཉེར་བྱས་ཤིང་། ཞོར་དུ་རིག་གནས་ལ་རྒྱུས་ལོན་དང་། དུས་སྲིང་གི་ཞབས་ཞུ། སློབ་ཐུན་ཆེ་བའི་བྱ་འགུལ། འཛིན་གྲྭའི་གྲོས་ཚོགས་སོགས་སློབ་གྲྭ་ཐུན་མོང་གི་བྱ་འགུལ་ཁག་ནང་ཞུགས་པ་རེད། ཁོ་ཚོ་ཁྲེང་ཏུའུ་རུ་རང་ཉིད་ལ་བདག་སྐྱོང་བྱེད་པའི་སློབ་གྲོགས་ཚོའི་ཁྱིམ་དུ་བསྡད་ནས། ཁོ་ཚོ་དང་མཉམ་དུ་འཚོ་བ་རོལ་བ་དང་མཉམ་དུ་སློབ་སྦྱོང་བྱེད་པ། མཉམ་དུ་འཚར་ལོངས་བྱུང་ནས་ཐོན་ཡོང་བ་རེད།
为期三周的游学活动中,他们在初一年级随班就读,参加文化体验、延时服务、大课间活动、班级会议等学校集体活动。他们住在各自结对的成都同学的家里,一起生活、一起学习、一起成长。
༢༠༡༢་ལོ་ནས་བཟུང་། ཁྲེང་ཏུའུ་གྲོང་ཁྱེར་ཧྲུའུ་ཏེ་ཚོད་ལྟ་སློབ་འབྲིང་གིས་སྡེ་རོང་སློབ་འབྲིང་ལ་རིགས་མཐུན་རོགས་སྐྱོར་བྱས་པ་ནས་བཟུང་། སྔ་རྗེས་སུ་རྐང་འཛིན་དགེ་རྒན་སུམ་ཅུ་ཙམ་སྡེ་རོང་དུ་མངགས་སོང་སྟེ་སློབ་ཁྲིད་དང་སློབ་རོགས། ཉམས་མྱོང་སྤེལ་རེས་སོགས་ཀྱི་ལས་ལ་ཞུགས་པ་རེད། དེ་ཡང་༢༠༡༩ལོ་ནས་བཟུང་། སྡེ་རོང་སློབ་འབྲིང་དུ་ཧྲུའུ་ཏེའི་ཚོད་ལྟ་འཛིན་གྲྭ་ཞིག་ཀྱང་བཙུགས།
自2012年起,成都市树德实验中学开始了对口帮扶得荣中学,先后派出近三十位骨干教师前往得荣支教、送教、交流等。2019年,在得荣中学办起了“树德实验班”。
མཉམ་དུ་སློབ་སྦྱོང་དང་འཚོ་བ་རོལ་བའི་གཟའ་འཁོར་གསུམ་གྱི་རིང་ལ། སྡེ་རོང་དང་ཧྲུའུ་ཏེ་ཡི་སློབ་བུ་ཚོ་ནི་ཕན་ཚུན་བརྩེ་བའི་གྲོགས་སུ་གྱུར་ཡོད་པ་མ་ཟད། ཁོ་ཚོ་ལ་འཛད་མཐའ་མེད་པའི་བརྩེ་བ་དང་། བླ་ན་མེད་པའི་ཕུགས་འདུན། ད་དུང་འབྱུང་འགྱུར་ལ་གདོང་གཏོད་པའི་བློ་སྟོབས་སོགས་ཀྱང་ཐོབ་ཡོད།
朝夕相处三周时间里,得荣的孩子们和树德的孩子们一起收获了友谊,收获了温情,收获了梦想,更收获了直面未来的勇气。